第3期新闻(安多方言)

2023-10-19 05:36:3011:32 291
所属专辑:藏语播报
声音简介

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

     ཟླ3ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཚོགས་འདུའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། འབྲུ་རིགས་ཐོན་སྐྱེད་རྟེན་གཞི་དང་། ནུས་རྒྱུ་མ་རྒྱུའི་རྟེན་གཞི། སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་བའི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་ཅེས་བསྟན་ཡོད།

     ཚོགས་འདུའི་ཐོག དབུས་རྒྱུད་ས་ཁུལ་གྱིས་ཤར་ནུབ་སྦྲེལ་མཐུད་དང་ལྷོ་བྱང་སྦྲེལ་མཐུད་ཐུབ་ཅིང་། ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འགྲིམ་འགྲུལ་དར་རྒྱས་ཆེ་བ། ཐོན་ལས་ཀྱི་རྨང་གཞི་ལེགས་པ། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་བཅས་ཡོད་པས། དབུས་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྤྱི་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པས། དབུས་རྒྱུད་ས་ཁུལ་འཕེལ་རྒྱས་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།  མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཚད་དུ་འཛིན་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གང་མགྱོགས་བསྐྲུན་རྒྱུ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་དེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཐོན་ལས་མ་ལག་ཏན་ཏིག་ངང་བསྐྲུན་པ་བཅས་བྱས་ཏེ་དབུས་རྒྱུད་ས་ཁུལ་གང་མགྱོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་ཡོད།

     ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མིག་དཔེ་འདོན་རྒྱུར་སྐུལ་འདེད་བཏང་བ།


     ཟླ3ཚེས30ཉིན་གྱི་སྔ་དྲོར་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར“བོད་ལྗོངས་ཀྱི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྐོར་གྱི་འཆད་ཁྲིད”བྱས་ནས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)སློབ་སྤྱི་གཞོན་པ(ཡོན་ཀྲང་གཞོན་པ)རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སུན་ཤང་ཅུན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་ཟུར་ཁྲིད་བྱས་པར་ལྗོངས་ཐད་གཏོགས་སྡེ་ཚན་ཁག་གི་ཏང་ཡོན་ལས་བྱེད་པའི་འཐུས་མི260ལྷག་ཙམ་ཞུགས་ཡོད།

     སུན་ཤང་ཅུན་གྱིས་རང་ངོས་ཀྱི་ཞིབ་འཇུག་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཁར“ཏང་གི་ལོ་རྒྱུས་སྦྱངས་ནས་དད་སེམས་བརྟན་དུ་གཏོང་བའི”བརྗོད་དོན་གཙོ་བོ་དང་ཏང་གི་ལོ་རྒྱུས་ལ་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་དད་སེམས་གང་ཡིན་པ་དང་། དད་སེམས་ཇི་ལྟར་ཆགས་པར་བྱེད་པ། དད་སེམས་དང་ཀྲུང་གོ་གུང་ཁྲན་ཏང་མིའི་དད་སེམས་ཀྱི་སྟོབས་ཤུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་བ། དུས་རབས་གསར་པར་དད་སེམས་བརྟན་པོ་བཅངས་ནས་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཐད་གོ་བདེ་ཤེས་སླའི་ཐོག་ནས་འགྲེལ་བཤད་བརྒྱབ་པ་མ་ཟད། ལོ་རྒྱུས་ཀྱི་དོན་དངོས་མང་པོ་དང་ཟུང་འབྲེལ་གྱིས་རྒྱས་བཤད་བྱས་ཏེ་ལོ་རྒྱུས་མེ་ལོང་དུ་བཟུང་བ་དང་ལོ་རྒྱུས་ཐོག་ནས་གནས་ལུགས་བཤད་པར། གཏན་ཚིགས་ཁ་གསལ་ཞིང་དཔེ་མཚོན་ཞིབ་ཚགས་པར་བརྟེན་ཚང་མར་ཡིད་དབང་འཕྲོག་པའི་ཏང་གི་ལོ་རྒྱུས་སློབ་གསོའི་སློབ་ཚན་ཞིག་ཁྲིད་དེ་དེར་ཞུགས་པའི་ཏང་ཡོན་ལས་བྱེད་པ་ཚང་མའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།


ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་འབྱུང་འགྱུར་གཏོད།


     བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ནི་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་ལས་འགུལ་སྐོར་གྱི་རྒྱལ་ཡོངས་ཀྱི་དྲན་གསོ་ཁང་གཅིག་པུ་དེ་ཡིན་པ་རེད། དྲན་གསོ་ཁང་དུ་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་དཔྱད་གཞིའི་ཡིག་ཚགས་དང་། རིག་དངོས། པར་རིས། སྒྱུ་རྩལ་བརྩམས་ཆོས་བཅས800ལྷག་ཙམ་སྒྲིག་གཤོམ་བྱས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་ཞིང་བྲན་ལམ་ལུགས་མེད་པར་བཟོས་པའི་ལོ་རྒྱུས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།


ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས2021ལོའི་དཔྱིད་རྨོད་དཔྱིད་འདེབས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱས་པ།

    ཉེ་ཆར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ལྗོངས་ཀྱི་ས་ཕྱོགས་གང་སར་དཔྱིད་རྨོད་དཔྱིད་འདེབས་འགོ་ཚུགས་པའི་དུས་དང་བསྟུན་ནས། 《2021ལོའི་དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རིམ་པ་གཉིས་པའི་ཡན་ལག་དངུལ་ཁང་ཁག་ལ་དུས་ཚོད་དམ་འཛིན་གྱིས་དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་འདེགས་གང་ལེགས་ཞུ་དགོས་པའི་ཐད་བླང་བྱ་བཏོན་པ་རེད།


    བརྡ་ཐོའི་ནང་བསྟན་དོན། དཔྱིད་རྨོད་དཔྱིད་འདེབས་རིང་དངུལ་རྩའི་ཞབས་འདེགས་ཞུ་རྒྱུ་ནི་དངུལ་ཁང་དེས་ཞིང་འབྲོག་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པར་བརྟེན། དངུལ་ཁང་ཁག་གིས་ཞིང་ལས་རྒྱུ་ཆ་སྐྱེལ་འདྲེན་དང་། ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་གཉེར་སྐྱོང་བྱེད་པོའི་ཐོན་སྐྱེད་བསྐྱར་མ་རྒྱ་སྐྱེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་བའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཁག་ལག་བསྟར་མཐར་ཕྱིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངུལ་ཁང་དེས་ན་ནིང་ནས་བཟུང“ཞིང་ཕན”རིགས་ཀྱི་དངུལ་བུན་མང་དག་ཅིག་བཏང་ནས་གང་མཁོ་གང་འདེམས་ཀྱིས་ཞིང་འབྲོག་ཐོན་སྐྱེད་གཉེར་སྐྱོང་ཐད་ཀྱི་མ་དངུལ་གྱི་དགོས་མཁོ་སྐོང་གང་ཐུབ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་འཛུགས་ལོ་དང་བསྟུན་ནས། འདི་ལོ་དེ་བས་མང་བའི་དངུལ་རྩའི་ཐོན་རྫས་གསར་གཏོད་དང་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་དངུལ་རྩའི་སྒྲིག་ཆས་སྒྲིག་བཀོད་བྱས་ནས་འཚོ་བ་དང་ཐོན་སྐྱེད་ལ་སྟབས་བདེ་བསྐྲུན་རྒྱུ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་གྲོང་གསེབ་དར་རྒྱས་དང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དངུལ་རྩའི་ཞབས་འདེགས་ཞུ་རྒྱུ་རེད།


མཐོ་སྒང་གི་ཇག་འཇོམས་དཔའ་བོ་ནམ་མཁའ་རྡོ་རྗེའི་ངག་ནས་ཏང་གི་ལོ་རྒྱུས་ལ་ཉན་པ།

     “ངས་ཏང་ཡོན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། ང་རྒྱལ་དང་ཁེངས་དྲེགས་ཅི་ཡང་མེད་པར་བྱས་རྗེས་འཇོག་པ་དང་། མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུ་ཡིན།” འདི་ནི་ཧ་ཅང་བབ་ཆགས་པའི་སྐད་ཆ་ཞིག་སྟེ། དེའང་ད་ལྟ་དགུང་ལོ70ལ་སླེབས་པའི་ཏང་ཡོན་རྒན་གྲས་ནམ་མཁའ་རྡོ་རྗེ་ཏང་ནང་ཞུགས་སྐབས་ཀྱི་ཆོད་སེམས་ཡིན་ལ། ཁོང་གི་མི་ཚེ་གང་བོའི་སྲུང་བྱའང་རེད།


    ནམ་མཁའ་རྡོ་རྗེ་ལོ་གཉིས་ལ་སོན་སྐབས་ཁོའི་ཨ་མ་ཚེ་ལས་འདས་ཤིང་། ལོ་དྲུག་ལ་སླེབས་དུས་ཨ་ཕ་ཚེ་ལས་འདས། དེའ་ཁར་ཁོའི་གཉེན་ཉེ་གཉིས་ངོ་ལོག་ཟིང་འཁྲུག་པས་བསད་པ་དངོས་སུ་མཐོང་བས། ནམ་མཁའ་རྡོ་རྗེའི་སེམས་སུ་ཁོ་རང་ནར་སོན་རྗེས་བཅིངས་འགྲོལ་དམག་མི་བྱས་ནས་ངོ་ལོག་ཟིང་འཁྲུག་པ་རྩ་མེད་དུ་གཏོང་རྒྱུའི་འདུན་པ་སྐྱེས།1970ལོར་ངོ་ལོག་ཟིང་འཁྲུག་པར་རྡུང་རྡེག་གཏོང་ཆེད། མང་ཚོགས་ལ་བརྟེན་ནས་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། དུས་རྒྱུན་ངལ་རྩོལ་ལ་དགའ་ཞིང་བརྩོན་སེམས་ཆེ་བ། དཀའ་སྡུག་ཐེག་ཐུབ་ཅིང་སློབ་སྦྱོང་ལ་དགའ་བའི་ནམ་མཁའ་རྡོ་རྗེ་ནི་རིམ་པ་རེ་རེ་བཞིན་གདམས་ཐོན་བྱུང་ནས་གཟི་བརྗིད་ལྡན་པའི་ངང་ཕྱུག་ཚང་གྲོང་ཚོའི་མི་དམངས་ཀུང་ཧྲེའི་ཡུལ་དམག་ལྡིང་ཤོག་ནང་ཞུགས་ཤིང་། ཕྱིས་སུ་དགེ་རྒྱས་རྫོང་དུ་སྐད་གྲགས་ཆོད་པའི་་མེ་མདའ་སྐྱེན་པོ་ཞིག་ཏུ་གྱུར།

     1971ལོའི་ཟླ6པར། ངོ་ལོག་ཟིང་འཁྲུག་པས་ཡང་བསྐྱར་སྤུ་ཧྲེང་རྫོང་ཧོར་ཤང་ནས་འབྲོག་པར་གནོད་འཚེ་བཏང་སྟེ་ནོར་ལུག་འཕྲོག་བཅོམ་བྱས། ནམ་མཁའ་རྡོ་རྗེ་དང་འཐབ་གྲོགས་བཞི་འཕྲལ་མར་ཧོར་ཤང་དུ་ངོ་ལོག་ཟིང་འཁྲུག་པ་འཚོལ་དུ་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་དགྲ་བོས་སྔ་ས་ནས་འཇབ་སྒུག་བྱས་ཡོད་སྟབས། འཐབ་གྲོགས་གཅིག་འཕྲལ་མར་སྤུ་ཧྲེང་རྫོང་དྲག་ཆས་པུའུ་རུ་རོགས་སྐྱོབ་པ་འཚོལ་བར་ཕྱིན། ངོ་ལོག་ཟིང་འཁྲུག་པས་ནམ་མཁའ་རྡོ་རྗེ་དང་ཁོའི་འཐབ་གྲོགས་གསུམ་གྱི་མཐའ་ནས་བསྐོར་ཞིང་། མདེའུ་སེར་བ་འབབ་པ་བཞིན་ཁོ་ཚོའི་ཕྱོགས་སུ་འཕངས། འཐབ་གྲོགས་གཉིས་སྔ་རྗེས་སུ་མེ་མདའ་ཕོག་ནས་རང་སྲོག་ཤོར་བ་དང་། འཐབ་གྲོགས་གཅིག་གི་ཕོ་བར་མེ་མདའ་ཕོག་ནས་འགུལ་ཡང་མི་ཐུབ་པར་གྱུར་ཞིང་། ནམ་མཁའ་རྡོ་རྗེས་རང་ཉིད་ཀྱི་ངོ་གདོང་དང་རྐང་པ་གཡས་པར་མེ་མདའ་ཕོག་ནས་ཁྲག་བཞུར་བཞིན་ཡོད་པ་མཐོང་། ས་བབ་ལེགས་པོ་ཞིག་རྙེད་སྟབས། ངོ་ལོག་ཟིང་འཁྲུག་པས་གང་འདོད་དུ་ཚུར་རྒོལ་བྱེད་མི་ཕོད་པར་མགོ་འདོགས་ཞུས་ཞེས་སྐད་བརྒྱབ།

     ཁོང་གིས་མགོ་བཏགས་མ་ཞུས་པར་འཐབ་འཛིང་དེ་ཆུ་ཚོད4ཡས་མས་ཙམ་བྱས་ཤིང་། ནམ་མཁའ་རྡོ་རྗེ་དང་འཐབ་གྲོགས་ཀྱིས་གོ་སྐབས་བཙལ་ནས་ཕར་རྒོལ་བྱས། སྐབས་དེར་ངོ་ལོག་ཟིང་འཁྲུག་པ་ཞིག་གི་མགོ་བོ་རྡོའི་གསེབ་ནས་ཐོན་པ་དང་། བར་སྐབས་དེ་དང་བསྟུན་ནས་མེ་མདའ་འཕང་བ་ན་ངོ་ལོག་ཟིང་འཁྲུག་པ་ལམ་སེང་སྐྲག་ནས་བྲོས།

      1974ལོའི་ཟླ9པར་ནམ་མཁའ་རྡོ་རྗེ་གཟི་བརྗིད་ལྡན་པའི་ངང་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ལོ་ངོ47གྱི་རིང་ལ། ནམ་མཁའ་རྡོ་རྗེས་གྲོང་ཚོའི་ཀྲུའུ་རེན་དང་ཏང་ཀྲི་པུའུ་ཡི་ཨུ་ཡོན་བྱས་མྱོང་བ་དང་། ས་བབ་མཐོ་ཚད་སྨི4200ཟིན་པའི་ཕྱུག་ཚང་གྲོང་ཚོ་རུ་རང་ཉིད་ཀྱི་དམ་བཅའ་བརྟན་པོར་སྲུང་ནས་བསྡད་ལ། སྐབས་དེ་དུས་ཇག་པ་བཅོམ་པའི་ལོ་རྒྱུས་དེའང་ཁོའི་སེམས་སུ་ཉར་བའི་དྲན་པ་ཞིག་ཏུ་གྱུར།

     ད་ལྟ་གནས་སྤོ་དབུལ་སྐྱོར་གྱི་སྲིད་ཇུས་ལག་ལེན་བསྟར་བ་བརྒྱུད་ཁོ་རང་སྤྲོ་སྐྱིད་སྡོད་གསར་བཀོད་སྒྲིག་ས་ཚིགས་ཀྱི་ཁང་པར་བསྡད་ཡོད་ལ། ཟླ་རེར་རྒན་གསོའི་དངུལ་ཡང་ཐོབ་བཞིན་ཡོད། ཁོང་གིས་རྟག་ཏུ་བྱིས་པ་ཚོར་བོད་ལྗོངས་སྤྱི་ཚོགས་རྙིང་པའི་ཡ་ང་སྙིང་རྗེ་མེད་པའི་ལོ་རྒྱུས་བརྒྱུད་རྗེས་ད་གཟོད་གཞི་ནས་ཏང་གིས་ང་ཚོར་གནང་བའི་བདེ་སྐྱིད་ཀྱི་འཚོ་བ་ནི་ཇི་འདྲའི་རྩ་ཆེན་དང་ཐོབ་དཀའ་བ་ཞིག་ཡིན་པ་རྟོགས་ཐུབ་ཅེས་བརྗོད་བཞིན་ཡོད།

 

ས་མཐོའི་ཞིང་འབྲོག་པས་དེང་རབས་ཅན་གྱི་འཚོ་བ་གསར་པར་རོལ།

     ཟླ་གསུམ་པར་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དུས་བཀག་ལྟར་ཤར། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཉིན་མོ་དེར་སྡུག་བསྔལ་དང་འཚོ་བ་གསར་པ་ནི་ཉིན་དེའི་གཙོ་གནད་ཀྱི་ཐ་སྙད་ཅིག་ཏུ་གྱུར་ཡོད།

      ལོ76ལ་སླེབས་པའི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་དགེ་ལེགས་ནི་སྤྱི་ཚོགས་རྙིང་པར་ཞིང་བྲན་ཞིག་ཡིན་པ་དང་། ཞིང་བྲན་བདག་པོའི་བཤུ་གཞོག་དང་གཉའ་གནོན་བཟོད་ཐབས་བྲལ་བར་བརྟེན། དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་བར་གཅེན་པོ་དང་མཉམ་དུ་བྲོས་བྱོལ་གྱི་འཚོ་བ་བསྐྱལ།


      “དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ངེད་གཉིས་ལ་ས་ཞིང་དང་། ཕྱུགས་ཟོག ཁང་པ་བཅས་རག་ནས་ལྟོ་གོས་ལ་སེམས་ཁྲལ་མེད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་། ད་ཆ་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་ཅིང་རྒན་གསོ་དང་སྨན་བཅོས་ལ་སྲིད་གཞུང་གི་འགན་ལེན་ཡོད་པས་འབྱུང་འགྱུར་ལ་སེམས་ཁྲལ་གང་ཡང་མི་འདུག”ཅེས་དགེ་ལེགས་ཀྱིས་བཤད།

     དགེ་ལེགས་ཀྱི་ལས་དབང་དང་འདྲ་བའི་རྒྱ་ཆེའི་ཞིང་བྲན་ཚོས1959ལོའི་ཟླ3པར་དམངས་གཙོའི་བཅོས་བསྒྱུར་བྱས་པ་དང་བསྟུན་ཏེ་མི་རབས་ནས་མི་རབས་བར་གྱི་བྲན་གཡོག་གི་ལས་དབང་ལ་འགྱུར་ལྡོག་བཏང་ནས། རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་བ་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་ཡོད།

     ལོ32ལ་སླེབས་པའི་སྲི་ཐར་རྡོ་རྗེ་ནི་བོད་ལྗོངས་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སུའོ་ཡི་གླིང་སྒྲུང་ཞིབ་འཇུག་མཁས་དབང་ཞིག་རེད། ཞིང་བྲན་གྱི་ཁྱིམ་དུ་སྐྱེས་པའི་གླིང་སྒྲུང་སྒྱུ་རྩལ་པ་དེས་རྒྱལ་ཁབ་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་མཐོང་ཆེན་བྱས་པ་དང་བསྟུན་ནས་མི་ཚེའི་ལམ་བུར་འགྱུར་ལྡོག་ཕྱིན་ཡོད།


སློབ་གསོ་པུའུ་ཡིས་སློབ་གྲྭ་ཆུང་འབྲིང་གནས་ཚུལ་འདི་དག་དང་འབྲེལ་བ་ཡོད་པར་གཏན་འགོག་བྱ་རྒྱུའི་བརྡ་ཁྱབ་བཏང་བ།


     རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་དོན་ཁང་གིས་ཟླ3པའི་ཚེས31ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། འོས་འགན་སློབ་གསོའི་རྒྱུགས་མི་ལེན་པར་ཐག་ཉེ་ས་ནས་སློབ་གྲྭར་ཞུགས་པའི་གཏན་འབེབས་དང“སྤྱི་དམངས་ཀྱི་མཉམ་བསྡུའི”སྲིད་ཇུས་དོན་འཁྱོལ་གཏིང་ཟབ་ཡོང་བ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གིས་སློབ་མ་བསྡུ་བའི་སློབ་ཞུགས་དང་རྣམ་པ་གང་རུང་གི་སྤྱི་ཚོགས་ཀྱི་འགྲན་བསྡུར་དང་འབྲེལ་བ་ཡོད་པ་གཏན་འགོག་བྱས་ནས་ཁེ་ཕན་གྱི་སྦྲེལ་ཐག་འདི་རིགས་གཏན་གཅོད་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

      ཚོགས་འདུའི་ཐོག་རིམ་པ་རྗེས་མར་ལས་ཀའི་ཤུགས་ཚད་རྒྱ་ཆེ་རུ་བཏང་ནས་གཤམ་གྱི་ཕྱོགས་གསུམ་གྱི་ལས་ཀ་གཙོ་བོར་བཟུང་ནས་ལེགས་སྒྲུབ་བྱ་རྒྱུའི་བརྡ་ཁྱབ་བཏང་བ་སྟེ།

གཅིག འགྲན་བསྡུར་རྣམ་གྲངས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

གཉིས། ཁྲིམས་འགལ་གྱི་འགྲན་བསྡུར་ལ་ཆད་གཅོད་ནན་མོ་གཏོང་རྒྱུ།  

གསུམ། སློབ་མ་བསྡུ་བའི་སྲིད་ཇུས་ལག་བསྟར་ནན་མོ་བྱ་རྒྱུ་བཅས་རེད།


     དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།

用户评论

表情0/300
喵,没有找到相关结果~
暂时没有评论,下载喜马拉雅与主播互动
猜你喜欢
方言漫谈:方言卷

日更5集,不定期爆更!订阅可以收到更新提醒哦~【内容简介】赣榆,是一块古老的热土。这里上古属东夷,旧石器时代已有人类繁衍生息,秦代置县,数易其名,祝...

by:江苏人民出版社电子书

【方言】正在消失的方言之云南方言

有没有发现,现在的小朋友都不太会说方言了,你在公司里的时候,你在逛街的时候,你走在大马路上帝时候,你的身边都是普通话,普通话虽好,让我们沟通无障碍,但是,每个城...

by:Hello娓娓酱

安多音乐

西藏音乐么西藏是具有悠久历史文化传统的地方,他们的音乐,大大的体现了他们质朴跟纯粹的本性和浓浓的宗教味道给你带来风格为你描绘一片清澈湛蓝的天空及牛羊成群的草...

by:孤月亮藏族音乐厅

方言拜拜|解决方言音问题

这是一个解决你方言音问题的专辑,干货满满,从根儿上给你解决问题。让你的声音变高级。嗨,大家好,我是VC明明,一个声音教练。

by:VC明明

听毕方言

先听。听,听见,听懂,听明白

by:后浪笔迹

方言新说

地方方言故事幽你一默

by:西部雪

重庆方言

最真实的语言,最新鲜的表达,带你领略重庆独有的文化符号,感受重庆方言的独特魅力,这里是非正宗不靠谱的重庆方言电台,愿您爱上重庆,爱上重庆方言,带你领略重庆独有的...

by:张铭鑫

方言歌曲

那些全国各地的方言,有爱的吗

by:石头是否有心

咸宁方言

咸宁方言,是指“湖北省咸宁地区”的方言,咸宁方言在湖北省内所谓的湖北话具有较大的差异。咸宁方言历史悠久,但历代著录文献极少。咸宁方言因特点显著而受到专家学者的关...

by:镇亚