第5期新闻(卫藏方言)

2024-01-22 03:24:4612:16 830
所属专辑:藏语播报
声音简介

ཀྲུང་དབྱང་གིས་བརྡ་ཐོ་གལ་ཆེན་ཞིག་བཀྲམ་འདུག

  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི“ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་བཀོད་སྒྲིག་བྱས་འདུག


  《བརྡ་ཐོའི》ནང་། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དུས་མཚམས་གཉིས་ལ་ཕྱེ་ནས་ལག་བསྟར་བྱ་རྒྱུ་སྟེ། དུས་མཚམས་དང་པོ་ནི2021ལོའི་ཟླ་བ་ལྔ་པའི་གོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། རྒྱལ་ཡོངས་ཚོགས་འདུ་གཉིས། རྒྱལ་ཡོངས་ཀྱི་དབུལ་བྲལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱ་རྒྱུ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་དྲིལ་བསྒྲགས་བྱ་རྒྱུ་དང་། དུས་མཚམས་གཉིས་པ་ནི2021ལོའི་ཟླ་བ་ལྔ་པ་ནས་ལོ་མཇུག་བར་ཡིན་པ་དང་། ཟླ་བ་དྲུག་པ་དང་བདུན་པར་མཐོ་རླབས་འཕྱུར་བ་བྱ་རྒྱུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་ཏང་ཀྲུང་དབྱང་གིས་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དངོས་སུ་ཁྱབ་བསྒྲགས་གནང་བ་སོགས་ལ་དམིགས་ཏེ། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་ཁ་གསལ་བཏོན་འདུག


བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མུ་མཐུད་སྐུལ་འདེད་ཏན་ཏིག་བཏང་བ།

  ཉིན་ཤས་བསྟུད་མར་བོད་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་བླང་བྱར་ནན་པོར་གཞིགས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་དམ་ཚགས།རྣམ་པ་གསར་གཏོད་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་སློབ་སྦྱོང་གིས་ཐོག་མའི་བསམ་འདུན་རྟོགས་ནས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ནས་བྱས་རྗེས་འཇོག་དགོས་པའི་ཁྲིད་སྟོན་བྱས་པ་རེད།


  ཉེ་ཆར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཏང་གི་སློབ་ཚན་འཚོགས་ཤིང་། གནས་ལུགས་སྣ་ཚོགས་དྲངས་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ཏང་གི་སློབ་ཚན་དེས་དེ་གར་ཡོད་པའི་དགེ་སློབ་ཚོའི་སྣེ་ཁྲིད་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། བཅོས་བསྒྱུར།འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ཀྱི་དོན་ཆེན་བསྐྱར་དྲན་བྱས་པ་ལས། ཚང་མས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ངོས་འཛིན་གཏིང་ཟབ་ཐུབ་ཡོད་ལ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁོང་ཚོའི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་སོང་ཡོད།

  ཉེ་ཆར་བོད་ལྗོངས་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་དང་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་བས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱས་པ་དང་། མི་དམངས་དངུལ་ཁང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུའི་ལས་འགན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ། ལྗོངས་ནང་ཁུལ་གྱི་མི་དམངས་དངུལ་ཁང་ཁོངས་གཏོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད།

  སྙན་ཞུའི་ཚོགས་འདུའི་ཐོག་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་དོན་སྙིང་རྒྱས་བཤད་བྱས་པ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། བཅོས་བསྒྱུར་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དུས་སྐབས་བཅས་ཏང་གི་ལོ་རྒྱུས་དུས་མཚམས་བཞིར་ཕྱེ་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་དང་དེ་མཚུངས་དུས་མཚམས་ཀྱི་བོད་ལྗོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་གོ་བདེ་བའི་ངང་འགྲེལ་བཤད་བརྒྱབ་ནས། ཚོགས་ཞུགས་ཏང་ཡོན་ཚོར་དད་སེམས་བརྟན་དུ་གཏོང་བ་དང་། མི་སེམས་ལ་ཟུག་པ། གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཏང་གི་ལོ་རྒྱུས་ཆེད་དོན་སྙན་ཞུ་ཞིག་བྱས་པ་རེད།


རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

  ཝུའུ་དབྱིང་ཅེ་ཞུགས་པ་དང་གསུང་བཤད་གནང་བ་དང་། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ། ཀྲོང་ཡན་ཞུགས་པ།


  ཟླ4ཚེས9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲང་ཞུའེ་ཅེ་དང་། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ།པད་མ་དབང་འདུས། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་ཡོད།

  སྔ་དྲོའི་ཆུ་ཚོད་བཅུ་པ་ཏག་ཏག་ལ་ཚོགས་ཆེན་འགོ་ཚུགས་པས། ཚང་མས་ཡར་བཞེངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་གནང་བ་རེད།

  ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི་བཅས་ལ་གཟེངས་བསྟོད་གནང་བ་རེད།

  ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དམག་འཐབ་ཆེན་པོ་དེའི་ནང་དངོས་སུ་ཞུགས་མཁན་དང་། འབད་འཐབ་བྱེད་མཁན།ལེགས་སྐྱེས་འབུལ་མཁན་བཅས་ལ་བླ་ན་མེད་པའི་གུས་འདུད་དང་། བོད་ལྗོངས་ཀྱི་རིམས་འགོག་འཐབ་རྩོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་མཁན་རིམ་པ་ཁག་དང་ཕྱོགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ད་ལྟ་སྔར་མུས་བཞིན་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་རིམས་འགོག་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

  ཝུའུ་དབྱིང་ཅེས་གསུངས་དོན།  “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ།“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “དོན་ཆེན་བཞི”ཡག་པོ་སྒྲུབ་པ།  “འགན་ལེན་བཞི”མངོན་འགྱུར་ཡོང་བ་བཅས་བྱས་ནས་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཇུག་བསྡུ་དུས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། “རིམས་ནད་ཕྱི་ནས་མ་འགོ་བ་བྱེད་པའི”འགོག་སྲུང་འཛིང་རགས་ཡག་པོ་སྲུང་བ། འགག་སྒོའི་བགྲོད་ལམ་གྱི་ལྟ་ཞིབ་ཚད་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཚོགས་ཀྱི་འགོག་སྲུང་འཛིང་རགས་ཆེན་པོ་གཏོད་པ་བཅས་བྱེད་དགོས།


2020ལོར་བོད་ལྗོངས་ཀྱིས་གཙོ་འགན་འཁུར་མཁན་འགོ་ཁྲིད407ཐག་གཅོད་བྱས་འདུག

  2021ལོའི་ཟླ4ཚེས1ཉིན།《ཀྲུང་གོའི་སྒྲིག་བཤེར་ལྟ་ཞིབ་ཚགས་པར》གྱི་པར་ངོས་གསུམ་པའི་ཐོག་ཁ་བྱང་དུ《བོད་ལྗོངས་ཀྱིས་བོད་ནང་ཁུལ་དུ་ཐོན་པའི་གྱོད་གཞི་དང་གསར་དུ་ཐོན་པའི་གྱོད་གཞི་བདམས་ཏེ་ཉེན་ཟོན་སློབ་གསོ་གཏོང་བ་དང་རིམ་པ་དང་རིགས་དབྱེ་ནས་ཁ་ཕྱོགས་གཏན་འཁེལ་གྱི་སློབ་གསོ་རྒྱག་པ》ཞེས་པའི་རྩོམ་ཡིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་བསྟན་དོན། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་ན་ནིང་གྱོད་དོན་ཐོ་འགོད་བྱས་ནས་གཙོ་འགན་འཁུར་མཁན་གྱི་འགོ་ཁྲིད407ཞིབ་བཤེར་ཐག་གཅོད་བྱས་པའི་ནང་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད122ཡོད་པ་རེད། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་“གཙོ་འགན་འཁུར་མཁན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གཅིག་ལ་ཞིབ་བཤེར་ཐག་གཅོད་བྱེད་རིམ་བཞིན་ང་ཚོས་འབྲེལ་ཡོད་ས་ཁུལ་དང་། ཚན་པ། སྡེ་ཚན་བཅས་ཀྱི་ཏང་རྩ་འཛུགས་ལ་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོག་དགོས་པའི་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་འཇིགས་དད་ཤེས་པ་དང་། དོགས་ཟོན་དང་འཇིགས་སྐྲག་གི་བསམ་པ་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་བཤད་ཡོད་པ་རེད།


གཙོ་གནད་ལས་གྲྭ་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་པ།


  ཉེ་ཆར། བོད་ལྗོངས་སུ་སྐྲུན་བཞིན་པའི་ཆུ་བེད་ལྟེ་བའི་ལས་གྲྭ་ཤངས་ཆུའི་རགས་ཆེན་ཨར་སྐྲུན་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྣམ་གྲངས172ནང་ནས་ཆུ་གྲོན་ཆུང་དང་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། བོད་ལྗོངས་སུ་སྐྲུན་བཞིན་པའི་ཆུ་བེད་ལས་གྲྭ་ཆེ་ཤོས་ཤིག་རེད། ལྟེ་བའི་ལས་གྲྭའི་རགས་ཆེན་དེ་ཨར་འདམ་དང་སྣུམ་ནག་ཅན་གྱི་ཆུ་རགས་ཤིག་ཡིན་པ་དང་མཐོ་ཚད་སྨི51དང་། ཆུ་རགས་ཀྱི་ཞེང་ཚད་སྨི8ཆུ་རགས་ཀྱི་རིང་ཚད་སྨི571ཁྱོན་ཆུ་གཤོངས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི11340ཟིན་གྱི་ཡོད་པ་རེད། ལས་གྲྭ་དེ་ཆུ་གཏོང་བ་དང་།ཆུ་མཁོ་འདོན། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་གཙོ་བོར་བྱེད་པ་དང་ཞོར་དུ་གློག་གཏོང་བ་དང་ཆུ་རགས་དེ་བསྐྲུན་རྗེས་མི་འབོར་ཁྲི3.3ལྷག་ཙམ་ལ་ཆུ་མཁོ་འདོན་ཐུབ་རྒྱུ་ཡིན།


ལྔ་གཅིག་ངལ་གསོའི་དུས་ཚོད་བཀོད་སྒྲིག་ཁྱབ་བསྒྲགས་བྱས་འདུག

  ཟླ4པའི་ཚེས12ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཐིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་བརྡ་ཐོའི་དགོངས་དོན་གཞིར་བཟུང་ནས། 2021ལོའི་ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་གི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།



   ཟླ5པའི་ཚེས1ཉིན(གཟའ་སྤེན་པ།)ནས་ཚེས5བར(གཟའ་ལྷག་པ།)ངལ་གསོ་བྱ་རྒྱུ་དང་། ཁྱོན་བསྡོམས་ངལ་གསོ་ཉིན5ཡོད་པ་རེད།


བོད་ལྗོངས་ཀྱི་རྫོང3ལ་གནམ་ཐང་བསྐྲུན་རྒྱུའི་ཆོག་མཆན་ཐོབ་འདུག

  ཉེ་ཆར། བོད་ལྗོངས་ལྷུན་རྩེ་དང་། དིང་རི། སྤུ་ཧྲེང་རྫོང་གི་གནམ་ཐང་3གསར་དུ་བསྐྲུན་རྒྱུ་དང་། ལྷ་ས་གནམ་ཐང་གི་རྒྱུག་ལམ་གཉིས་པའི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཆན་འགོད་བཀའ་ལན་གནང་བ་དང་། རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར136ལྷག་ཙམ་གཏོང་རྒྱུ་ཡིན་པ་རེད།


  རྣམ་གྲངས་དེ་དག་ལག་བསྟར་བྱས་པ་ལས། ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། ས་གནས་དེ་གའི་མི་དམངས་མང་ཚོགས་ཚོའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།


སྨན་རིན་རྩིས་ཞུའི་ཐད་ཀྱི་གནད་དོན་གལ་ཆེན་འདི་ངེས་པར་ཤེས་དགོས་འདུག

  ང་ཚོའི་ཉེ་འགྲམ་གྱི་གཉེན་ཉེ་གྲོགས་པོ་མང་པོ་ཞིག་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་འགྲོ་བ་དང་། སློབ་གྲྭར་འགྲོ་བ། གཞུང་དོན་སྒྲུབ་པར་འགྲོ་བ། འཁོར་ཞག་ལ་འགྲོ་བ་སོགས་ཀྱི་རྐྱེན་པས་དུས་ཡུན་རིང་པོ་ས་ཆ་གཞན་ལ་གནས་སྡོད་བྱེད་དགོས་ཀྱི་ཡོད་ཅིང་།  ས་ཆ་གཞན་ལ་ཡུན་རིང་སྡོད་སྐབས་ནད་གཞིས་རྐྱེན་པས་སྨན་ཁང་དུ་སྡོད་པའི་གནས་ཚུལ་ལ་གཡོལ་ཐབས་མེད། འོན་ཀྱང་ཞིང་འབྲོག་ཁུལ་གྱི་མང་ཚོགས་མང་པོ་ཞིག་གིས་སྨན་ཡོན་མཉམ་གསོག་བྱེད་སའི་ས་གནས་མིན་པའི་སར་སྨན་ཁང་དུ་སྡོད་པར་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་ནང་ཐོ་འགོད་བྱེད་དགོས་པ་ཤེས་ཀྱི་མེད། སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མི་སྣ་ལྗོངས་ཕྱི་ནང་གི་ས་གནས་གཞན་ལ་ལས་ཀ་བྱེད་པ་དང་། གཞུང་དོན་དུ་ལས་ཀ་བྱེད་པ། འཁོར་ཞག་ལ་འགྲོ་བའམ་ཡང་ན་དུས་ཡུན་རིང་པོ་ས་གནས་གཞན་ལ་སྡོད་རིང་ནད་གཞིས་རྐྱེན་པས་སྨན་ཡོན་མཉམ་གསོག་བྱེད་སའི་ས་གནས་མིན་པའི་སར་སྨན་ཁང་དུ་སྡོད་དགོས་ཚེ། སྨན་ཁང་དུ་བསྡད་པའི་ཉིན་ལྔའི་ནང་ཚུན་དུ་ངེས་པར་དུ་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་བརྒྱུད་དེ་ཐོ་འགོད་སྙན་སེང་ཞུ་དགོས་པ་ཡིན། དཔེར་ན། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཞིང་པ་ཞིག་རང་སྐྱོང་ལྗོངས་ཀྱི་སྨན་ཁང་ཞིག་ཏུ་བསྡད་པ་ཡིན་ན། ཞིང་པ་དེས་སྨན་ཁང་དུ་བསྡད་རྗེས་ཀྱི་ཉིན་ལྔ་ཡི་ནང་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སྨན་བཅོས་འགན་སྲུང་ཅུས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་ལྟ་བུ་རེད།


  བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིས་སྨན་བཅོས་འགན་བཅོལ་གྱི་སྨན་ཡོན་མཉམ་གསོག་བྱེད་སའི་ས་གནས་མིན་པའི་སར་སྨན་ཁང་དུ་བསྡད་པའི་ཐོ་འགོད་སྙན་སེང་ཞུས་རྗེས་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་ཕུད་སྨན་ཡོན་མཉམ་གསོག་གི་འགྲོ་སོང་རྩིས་ཞུ་བྱེད་པའི་ཆ་ཤས་དེ་ནད་སྡོད་སྨན་ཁང་དེའི་ནང་ཐད་ཀར་རྩིས་ཞུ་བྱེད་ཆོག་གི་ཡོད།

     དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།


用户评论

表情0/300
喵,没有找到相关结果~
暂时没有评论,下载喜马拉雅与主播互动
猜你喜欢
方言漫谈:方言卷

日更5集,不定期爆更!订阅可以收到更新提醒哦~【内容简介】赣榆,是一块古老的热土。这里上古属东夷,旧石器时代已有人类繁衍生息,秦代置县,数易其名,祝...

by:江苏人民出版社电子书

【方言】正在消失的方言之云南方言

有没有发现,现在的小朋友都不太会说方言了,你在公司里的时候,你在逛街的时候,你走在大马路上帝时候,你的身边都是普通话,普通话虽好,让我们沟通无障碍,但是,每个城...

by:Hello娓娓酱

方言拜拜|解决方言音问题

这是一个解决你方言音问题的专辑,干货满满,从根儿上给你解决问题。让你的声音变高级。嗨,大家好,我是VC明明,一个声音教练。

by:VC明明

听毕方言

先听。听,听见,听懂,听明白

by:后浪笔迹

重庆方言

最真实的语言,最新鲜的表达,带你领略重庆独有的文化符号,感受重庆方言的独特魅力,这里是非正宗不靠谱的重庆方言电台,愿您爱上重庆,爱上重庆方言,带你领略重庆独有的...

by:张铭鑫

方言趣谈

我们从五湖四海而来,带着各自的乡音与大家汇聚于此,《方言趣谈》栏目将在每期邀请一位不同地域的嘉宾,以方言为切入点,并从方言的角度带领大家领略不同地域的文化魅力;...

by:浙传传媒之声

方言新说

地方方言故事幽你一默

by:西部雪