第7期新闻(康巴方言)

2024-01-22 11:16:3613:40 1226
所属专辑:藏语播报
声音简介

་ཅིན་ཕིང་གིས་ཀོང་ཞི་རུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བ།

 

  སྤྱི་ཚེས25ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་ཀུའེ་ལིན་ཆོན་ཀྲའུ་རྫོང་ཚའེ་ཝན་གྲོང་རྡལ་དུ་གནས་པའི་དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་གླིང་དུ་ཕེབས་ནས་ཤང་ཅང་གཡུལ་འགྱེད་ཁྲོད་སྐུ་གཤེགས་པའི་དམར་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་བ་དང་། དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་གཟིགས་ཞིབ་གནང་ནས།གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་གནང་ཡོད། དེ་རྗེས།ཞི་ཅིན་ཕིང་ཚའེ་ཝན་གྲོང་རྡལ་མའོ་ཀྲུའུ་ཧྲན་གྲོང་ཚོར་ཕེབས་ནས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ལ་གཟིགས་ཞིབ་གནང་ཡོད། དེ་ཉིན་ཕྱི་དྲོ། ཞི་ཅིན་ཕིང་གིས་ལི་ཅང་གཙང་པོའི་ཡང་ཧྲོ་དུམ་མཚམས་ནས་ལི་ཅང་གཙང་པོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།

  སྤྱི་ཚེས25ཉིན་གྱི་སྔ་དྲོ། དམར་དམག་རྒྱང་སྐྱོད་ཀྱི་ཤང་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ།ཞི་ཅིན་ཕིང་གིས།ཤང་ཅང་གཡུལ་འགྱེད་ནི་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཁྲོད་ཆེས་བརྗིད་ཉམས་དོད་ཤོས་ཀྱི་གཡུལ་འགྱེད་ཀྱི་གྲས་ཤིག་རེད་ལ།ཀྲུང་གོའི་གསར་བརྗེའི་འཆི་གསོན་ཆགས་འཇིག་ལ་ཐུག་པའི་ལོ་རྒྱུས་དོན་ཆེན་ཞིག་ཀྱང་རེད། རང་སྲོག་བློས་གཏོང་བྱེད་ཕོད་པའི་དམར་དམག་རྣམས་ཀྱིས་གང་ཞིག་ལ་བརྟེན་པ་ཡིན་ནམ་ཞེ་ན། ཕུགས་བསམ་དང་དད་སེམས་ལ་བརྟེན་པས་རེད། ལེགས་གྲུབ་བྱུང་བའི་རྒྱུ་མཚན་ཡང་གསར་བརྗེའི་ཕུགས་བསམ་ཅི་ལས་ཀྱང་མཐོ་བ་ཡོད་པས་ཡིན། དེ་ལྟར་བྱས་ཚེ་གཞི་ནས་རྒྱུན་ཆད་མེད་པར་ངོ་མཚར་ཅན་གྱི་རྒྱལ་ཁ་ལེན་ཐུབ། ང་ཚོས་ལོ་བརྒྱ་རྗེས་མ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྒྱལ་ཁ་ཐོབ་ངེས་རེད་སྙམ་པའི་དད་སེམས་བཅངས་དགོས། དཀའ་ཚེགས་ཇི་ལྟར་ཆེ་ཡང་། དམར་དམག་རྒྱང་སྐྱོད་དང་ཤང་ཅང་གཡུལ་འགྱེད་ལ་བསམ་བློ་ཞིག་ཐོངས་དང་། ཚང་མར་རྣམ་ཤེས་གྲིབ་སེལ་དང་སྙིང་སྟོབས་འཕེལ་བའི་ཚོར་སྣང་ཞིག་ཡོང་ངེས་རེད་ཅེས་གསུངས་ཡོད།

   སྤྱི་ཚེས25ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ལིན་གྲོང་ཁྱེར་ཡང་ཧྲོ་རྫོང་ལི་ཅང་གཙང་པོའི་ཡང་ཐེ་གྲུ་ཁར་ཕེབས་ནས་ལི་ཅང་གཙང་པོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་གསན་ཡོད། ས་གནས་དེ་གའི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར། ཉེ་བའི་ལོའི་རིང་ཀུའེ་ལིན་གྱིས་ལི་ཅང་གཙང་པོར་བཅོས་སྐྱོང་ཤུགས་ཆེན་བྱས་ཏེ་“ཟིང་བཅོས་དང་། ཆུ་བཅོས། རི་བཅོས། གཞི་བཅོས་བཅས་ལ་”སྐུལ་འདེད་ཤུགས་ཆེན་བཏང་ནས། རྡོ་སྔོག་འདོན་དང་བྱེ་མ་སྔོག་འདོན་སོགས་ཁྱོན་ཡོངས་ནས་གཙང་སེལ་བཅོས་སྒྲིག་བྱས་ཡོད་ཅེས་བཤད་ཡོད། ཞི་ཅིན་ཕིང་གིས་ཆེས་སྡུག་ཤོས་ནི་རྡོ་སྔོག་འདོན་བྱེད་པ་དེ་རེད། རི་བོ་གཅིག་མེད་པ་བཟོས་ན་ནམ་ཡང་རི་བོ་འདི་འདྲ་ཞིག་ཉུང་དུ་འགྲོ་གི་རེད། ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་ནོར་བུ་ལྟ་བུ་ཡིན་པས་དེ་གཏོར་བཤིག་གཏན་ནས་གཏོང་མི་རུང་། གང་བྱུང་དུ་སྔོག་འདོན་བྱས་ན་གཅིག་ནས་འགན་འཁྲི་རྩད་གཅོད་བྱེད་དགོས་པ་མ་ཟད། གཉིས་ནས་ད་དུང་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་ཞེས་གསུངས་ཡོད།

  སྤྱི་ཚེས26ཉིན་གྱི་ཕྱི་དྲོ། ཀོང་ཞི་ལེའུ་ཀྲའུ་རུ་གཟིགས་ཞིབདང་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀོང་ཞི་ལེའུ་ཀུང་ཚོགས་པ་ཚད་ཡོད་ཀུང་སི་དང་། ལེའུ་ཀྲའུ་ལོ་སི་ཕིང་ཐོན་སྐྱེད་རུབ་བསྡུས་ཁུལ་དུ་ཕེབས་ནས་ཁེ་ལས་ཀྱི་བསྒྱུར་བཅོས་གསར་གཏོད་ཀྱི་གནས་ཚུལ་དང་། བཟོ་སྐྲུན་ལས་རིགས་དང་ཁྱད་ལྡན་ཐོན་ལས་ཀྱི་གོང་འཕེལ་གནས་ཚུལ་སོགས་མཁྱེན་རྟོགས་གནང་ཡོད་པ་རེད།


བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།

  ཚེས26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་དང་ཆིང་ཧྭ་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ལས་རིགས་སློབ་གསོའི་ལས་དོན་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱ་རྒྱུའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་འབྲེལ་ཡོད་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།《“གཙོ་འགན་འཁུར་མཁནདང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆརདང་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། རྒྱལ་ཡོངས་ཀྱི་བཟོ་འཕྲིན་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་རྒྱུའི་ལས་དོན་ལ་ཞིབ་འཇུག་བྱས་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་གཟིགས་ཚོགས་ཆུང་བཅུ་པས་བོད་རང་སྐྱོང་ལྗོངས་ལ་བཏོན་པའི་སྐོར་གཟིགས་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།


ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གཙོ་གནད་རྣམ་གྲངས14གཅིག་སྡུད་ཐོག་གན་རྒྱ་བཞག་པ།


  ཉེ་དུས་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི2021ལོའི་གཙོ་གནད་རྣམ་གྲངས་ཀྱི་གཅིག་སྡུད་ཐོག་གན་རྒྱ་འཇོག་པ་དང་། གཅིག་སྡུད་ལས་འགོ་འཛུགས་པ། གཅིག་སྡུད་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཅིག་སྡུད་གན་རྒྱ་འཇོག་པའི་རྣམ་གྲངས14ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར46.8བཏང་བ་དང་། གཅིག་སྡུད་ལས་འགོ་ཚུགས་པའི་རྣམ་གྲངས20ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར25ལྷག་ཙམ་བཏང་ནས་སྔོན་དཔག་བྱས་ན་མི2000ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་ཞིང་། དེ་ནིལོ་ལྔ་ཚན་བཅུ་བཞི་པའིདཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་ཡག་པོ་ཞིག་ཡིན་ཞིང་། དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་བསྣན་རྒྱུ་རེད། སྡེ་ཚན་ཁག་གིསརྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་རྣམ་གྲངས་ཇུས་འགོད་བྱེད་པ་ནི་འབྱུང་འགྱུར་ལ་ཇུས་འགོད་བྱེད་པ་ཞིག་ཡིན་པའིའདུ་ཤེས་བརྟན་པོར་བཙུགས་ཏེ། བསམ་བློ་གསར་པ་དང་བྱེད་ཐབས་གསར་པར་བརྟེན་ནས་རྣམ་གྲངས་ལ་དམ་འཛིན་གྱིས་མ་འཇོག་ལ་སྐུལ་འདེད་བཏང་ནས། རྣམ་གྲངས་གཙོ་གཉེར་མཁན་དང་འཛུགས་སྐྲུན་ཚན་པས་ལས་ཡུན་ལྡོག་སྒྲིག་དང་།ལས་རིམ་གསལ་འགོད།མྱུར་ཚད་དམ་འཛིན་བཅས་ཀྱི་ཕན་འབྲས་ཐོན་པ་བྱས་ཡོད།


ཁ་གསབ་སྤྲོད་རིངAརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་མི་དགོས་པ།


   ཡུལ་སྐོར་གྱི“ལས་རིགས་གཅིག་འཕེལ་ན་ལས་རིགས་བརྒྱ་དར་བའི”སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནསགཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ཀྱི་ལག་བསྟར་ཇུས་གཞིབཟོས་ནས2021ལོའི་ཟླ4ཚེས16ཉིན་ནས་ལག་བསྟར་བྱས་ཏེ། ཁ་གསབ་སྤྲོད་རིངAརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་མི་དགོས་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི500ཡི་འཛད་སྤྱོད་སྤ་སེ་སྤྲད་དེ་ཡུལ་སྐོར་མཛད་སྤྱོད་ལ་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལག་བསྟར་ཇུས་གཞིའི་ནང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”དུས་མཚམས་ཁག་གཉིས་སུ་ཕྱེ་བ་དང་། དུས་མཚམས་དང་པོ་ནི2021ལོའི་ཟླ1ཚེས1ཉིན་ནས་ཟླ3ཚེས15ཉིན་བར་དང་དུས་མཚམས་གཉིས་པ་ནི2021ལོའི་ཟླ10ཚེས15ཉིན་ནས་ཟླ12ཚེས31ཉིན་བར་ཡིན་པ་རེད། ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་ནིAརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ཁ་གསབ་དང་། ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ཀྱི་ཁ་གསབ།ཡུལ་སྐོར་འཛད་སྤྱོད་སྤ་སེ་སྤྲོད་པ་བཅས་རིགས་གསུམ་ལ་ཕྱེ་ཡོད་པ་རེད།


སློབ་གསོ་པུའུ་ཡིས་སློབ་མའི་ལས་བྱའི་སྐོར་ལ་བླང་བྱ་འདི་དག་བཏོན་པ།


      ཉེ་ཆར་སློབ་གསོ་པུའུ་གཞུང་དོན་ཐིང་གིས《འོས་འགན་སློབ་གསོའི་སློབ་གྲྭའི་སྦྱོང་ཚན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམས་པ་རེད།

     ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར། གསར་འགོད་པས་སློབ་གསོ་པུའུ་ཡི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན།《བརྡ་ཐོའི》ནང་ཡིག་ཐོག་གི་ལས་བྱའི་བསྡོམས་འབོར་ཚོད་འཛིན་ནན་པོ་བྱས་ཏེ།  སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་གི་ཁྱིམ་སྦྱོང་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་ལོ་རིམ་གཞན་དག་གི་ཉིན་རེའི་ཡིག་ཐོག་གི་ལས་བྱ་ཆ་སྙོམས་ཀྱིས་དུས་ཚོད་སྐར་མ60ལས་མི་བརྒལ་བ་དང་། དམའ་འབྲིང་སྐར་མ90ལས་མི་བརྒལ་བའི་བླང་བྱ་བཏོན་ཡོད། 

        དེ་དང་ཆབས་ཅིག《བརྡ་ཐོའི》ནང་སློབ་མར་རང་ཉིད་ཀྱི་ལས་བྱ་རང་གིས་དག་བཅོས་བྱ་དགོས་པའི་བླང་བྱ་བཏོན་མི་ཆོག་ལ། ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་གམ་རྣམ་པ་གཞན་དུ་བསྒྱུར་བའི་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག་པ་དང་ལས་བྱ་དག་བཅོས་བྱེད་དགོས་པའི་བླང་བྱ་གཏན་ནས་བཏོན་མི་ཆོག  སློབ་མའི་ལས་བྱ་དེ་སློབ་གྲྭའི་ནང་གི་མི་སྣ་གསོ་སྐྱོང་བྱེད་པའི་དགེ་རྒན་གྱིས་མཆན་འགོད་དག་བཅོས་བྱེད་དགོས་པའི་ཁ་གསལ་པོར་བཏོན་ཡོད།


བོད་ཀྱིས་དཔེ་རྙིང་མང་པོ་ཞིག་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱས་པ།

    བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་སྤྱི་ལོ2020ལོའི་ཟླ4པའི་ཚེས25ཉིན་བམ་པོ50དང་དཔེ་རྙིང་རྩ་ཆེན6581དྲ་ཐོག་ནས་མཉམ་སྤྱོད་བྱས་ཡོད་ལ། ཉེ་ཆར་ཡང་བོད་ཀྱི་དཔེ་རྙིང་ཡོངས་བཤེར་སྲུང་སྐྱོང་ལས་དོན་གྱི་གྲངས་གཞི་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱི་བམ་པོ་བརྒྱ་ལྷག་དང་དཔེ་རྙིང་རྩ་ཆེན་ཁྲི1.6དྲ་ལམ་ནས་མཉམ་སྤྱོད་བྱས་ཡོད། 

     ད་ལྟའི་བར་བོད་ལྗོངས་དཔེ་རྙིང་གི་གོ་ལ་ཧྲིལ་པོའི་སྤྲིན་མཉམ་སྤྱོདསྟེགས་བུའི་ཐོག་དཔེ་རྙིང་རྩ་ཆེན་ཁྲི་2ལྷག་བཀོད་ཡོད་པ་རེད། 

     དཔེ་རྙིང་རྩ་ཆེ་རིགས་དྲ་ངོས་ཐོག་སྤྲིན་མཉམ་སྤྱོད་ཀྱི་བལྟ་ཀློག་ཐད། 

     བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་ངོས་སུ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་ཚད་ལྡན་ཡིག་ཆའི་གྲངས་མཛོད་ཅེས་པ་བསྣན་ཚེ་བོད་ཀྱི་རྩ་ཆེའི་དཔེ་རྙིང་ སྤྲིན་མཉམ་སྤྱོད་ཀྱི་དྲ་ངོས་མཐོང་ཐུབ།


 ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་བོད་ཀྱིས་ སྤྲིན་མཉམ་སྤྱོད་ནང་རྣམ་ཐར་དང་དེབ་ཐེར་སྔོན་པོ་ལྟ་བུ་དུས་རབས12ནས20བར་གྱི་དཔེ་རྙིང་རྩ་ཆེན23116ཡོད་པ་རེད། 

  དཔེ་རྙིང་དྲ་ཐོག་ཏུ་མཉམ་སྤྱོད་བྱས་ཚུན་དྲ་ཐོག་གི་ཀློག་གྲངས་ཁྲི་10ལ་ཉེ་ཞིང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་ཐོག་ཀློག་གྲངས་ཀྱི་ཚད་མཐོ་ཤོས་སུ་སླེབས་ཡོད་པ་རེད། 

  བེད་སྤྱོད་དང་སྲུང་སྐྱོང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་པ།

  དཔེ་རྙིང་གྲངས་གཞིར་བཟོ་རྒྱུ་ནི་ སྤྲིན་མཉམ་སྤྱོད་མངོན་འགྱུར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་དཔེ་རྙིང་ཡོངས་བཤེར་བྱེད་རྒྱུ་དེ་གྲངས་གཞི་ཅན་གྱི་སྔོན་འགྲོ་ཡིན།  

  སྤྱི་ལོ2009ལོར་བོད་རང་སྐྱོང་ལྗོངས་སུ་ད་བར་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། ལོ10ལྷག་རིང་གི་འབད་བརྩོན་བརྒྱུད་མིག་སྔར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད།

    མིག་སྔའི་བར་རང་སྐྱོང་ལྗོངས་ཀྱིས་དཔེ་རྙིང18000ལྷག་ཙམ་ཡོངས་བཤེར་དང་ཐོ་འགོད་བྱས་པ་དང་། དཔེ་རྙིང་ཁག305﹙ རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་﹚ནང་ཚུད་ཡོད། རིམ་རྩིས་བྱས་ན་སྟོངས་ལ་ཉེ་བའི་དཔེ་རྙིང་ལྡེབ་མ4000ལྷག་ཉམས་གསོ་བྱས་ཡོད།
    ཀྲུང་ཧྭ་རིག་གནས་ཀྱི་གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད་པའི་གདེང་ཚོད།
  ཉིན་ཤས་གོང་། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ཚན་པ་དང་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པའི་ནོར་བུ་གླིང་ཁར་གསར་འགོད་པས་ཡོངས་བཤེར་མི་སྣས་དེ་གར་ཉར་ཚགས་བྱས་པའི་དཔེ་རྙིང་ཡོངས་བཤེར་ཐོ་འགོད་བྱེད་བཞིན་པ་དང་འཕྲད་ཡོད།
  ལས་དོན་མི་སྣ་ཚེ་ལོས་གསར་འགོད་པར།གསལ་འབྱེད་དང་། དུས་རབས་ངོས་འཛིན། ཆེ་ཆུང་ཚད་ལེན། བོད་རྒྱ་སྐད་ཡིག་གཉིས་ཀྱི་གློག་རྡུལ་ཅན་ཕབ་འཇུག་སོགས་ནང་དོན་ཁག་15ཐོ་འགོད་བྱེད་ཀྱི་ཡོད་པ་དང་། ལས་དོན་མི་སྣས་ཚད་ལྡན་ལས་རིམ་བརྩི་སྲུང་ནན་པོ་ཞུས་ནས་དཔེ་རྙིང་གི་ལྡེབ་མ་རེ་རེ་བཞིན་ཞུ་དག་དང་གཙའ་སེལ་བྱས་པ་དང་། འབུས་བཟས་པ་དང་འཕྲོ་བརླག་སོང་བ་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཐོ་འགོད་བྱས་ཡོད་ཅེས་གསུངས།

   འདི་ལོ་བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་བརྡ་སྤྲོད་གཙོ་བོ་བྱས་པའི་དཔེ་རྙིང་གྲངས་གཞི་བཟོ་བའི་དཀར་ཆག་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་དང་། སྤྱི་ལོ2022ལོར་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་གི་དཔེ་རྙིང་དང་བོད་རིགས་ཀྱི་སྲོལ་རྒྱུན་གནམ་རིག་སྐར་རྩིས།བོད་ལུགས་གསོ་རིག་དང་བོད་སྨན་ཁྱབ་ཁོངས་ཀྱི་གྲངས་གཞིར་བཟོ་བའི་དཀར་ཆག་བཟོ་བ་དང་། སྤྱི་ལོ2023ལོར་སླེབས་སྐབས་སྙན་ངག་རིག་པ་སོགས་ཁྱབ་ཁོངས་ཀྱི་དཔེ་རྙིང་གྲངས་གཞི་བཟོ་བའི་དཀར་ཆག་ལེགས་སྒྲུབ་བྱ་རྒྱུ་རེད།


རྒྱ་གར་གྱི་ས་གནས་འདིར་གངས་རྡིབ་ནས་མི8རྐྱེན་ལམ་དུ་ཤོར།


       ལུའུ་ཐོའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས23ཉིན་གྱི་དགོང་མོར། རྒྱ་གར་གྱི་པེ་ཨ་ཁེན་ཏེ་མངའ་སྡེའི་ཁྲ་མོ་ལི་ས་ཁུལ་གྱི་ཉི་ཏི་ལུང་ཤུར་དུ་འཁྱགས་རོམ་ཆད་ནས་གངས་རྡིབ་པས། ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་མི384སྲོག་ཉེན་ལས་སྐྱབས་ཡོད།

        གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས24ཉིན། རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཤིག་གིས་བརྗོད་དོན། “ཕུང་པོ8རྙེད་པ་དང་། མུ་མཐུད་དུ་མྱུར་སྐྱོབ་བྱེད་བཞིན་ཡོད། ད་ལྟ་མི300ལྷག་ཙམ་བསྐྱབས་ཐུབ་ཡོད་ལ། དེའི་ཁྲོད་ཀྱི་མི6ལ་ཉེན་ཁ་ཧ་ཅང་ཆེ།”ཞེས་བཤད་འདུག

        གནས་ཚུལ་སྤེལ་བར་གཞིགས་ན། པེ་ཨ་ཁེན་ཏེ་མངའ་སྡེའི་ཁྲ་མོ་ལི་ས་ཁུལ་དུ་གངས་རྡིབ་རྗེས། རི་ཐེངས་མང་པོར་ཉིལ་བ་དང་། འགྲོ་ལམ་གྱི་གནས་བཞི་ལྔ་ཙམ་གྱི་མཚམས་སུ་བར་མཚམས་ཆད་ཡོད། ས་ཁུལ་དེར་མཁའ་ལམ་ནས་བརྟག་དཔྱད་བྱས་རྗེས་པེ་ཨ་ཁེན་ཏེ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ལ་ཝ་ཐེ(Trath Singh Rawatཡིས་བསྟན་དོན། ཁ་བ་ཆེན་པོ་བབས་ནས་འགྲོ་ལམ་བཀག་པར་བརྟེན། མིག་སྔར་འཕྲིན་གཏོང་དྲ་བ་སླར་གསོ་བྱེད་བཞིན་ཡོད་ཅེས་བཤད།

    དྲ་གྲོགས་ལྷན་རྗས་ཐེངས་རྗེས་མར་སླར་ཡང་མཇལ།

用户评论

表情0/300
喵,没有找到相关结果~
暂时没有评论,下载喜马拉雅与主播互动
猜你喜欢
直新闻

直新闻,直通世界,直抵人心。直新闻出自国内顶尖新闻团队——深圳卫视《直播港澳台》团队。该团队创造了《直播港澳台》、《军情直播间》、《决胜制高点》、《关键洞察力》...

by:深圳卫视直新闻

新闻热点 时事新闻

AI技术下对中国的冲击和影响节目主题:AI技术下对中国的冲击和影响

by:小月陪你读故事

呵呵新闻

总有一条新闻让你想呵呵,这里是封面新闻推出的呵呵新闻。

by:封面新闻

经观新闻

以客观、权威、独到、及时的财经资讯,与你分享每个重要时刻!A股每日复盘、大公司财报正在持续更新中!

by:经观新闻

上观新闻

聚焦上海本地时政、财经、社会新闻,及时发布上海最新消息。观察上海新鲜事,关注上海发展。

by:上观新闻

新闻发言人|发出你的声音

愿中国青年都摆脱冷气,只是向上走,不必听自暴自弃者流的话。能做事的做事,能发声的发声。有一分热,发一分光,就令萤火一般,也可以在黑暗里发一点光,不必等候炬火。此...

by:Seaglass

快言快语丨新闻背后,听见更多

最新最热的评论,发人深省台前幕后的声音,温暖人心独家的观点,独到的见解新民晚报的记者小编从采访的第一线发回带你一起聆听……

by:新民晚报